Tashi Rabten (The’u rang)

Tashi Rabten portrait

Tashi Rabten (The’u rang)  བཀྲིས་རབ་བརྟན། ༼ཐེའུ་རང་།༽

[Update: According to a report in the Tibet Times, Tashi Rabten was sentenced to 4 years’ imprisonment by Ngaba intermediate court on 2 June 2011.] A student at the Northwest Nationalities University in Lanzhou, Tashi Rabten was detained on 6 April 2010; he is the editor of a banned literary magazine on the 2008 protests in Tibet and author of ‘Written in Blood’ about which he wrote: “After an especially intense year of the usual soul-destroying events, something had to be said, and after pondering on whether to speak out, I finally produced this humble little book between 2008-09, shed like a drop of blood.”

The following poem, “Ruddy-faced People” was written after the protests of 2008.

གདོང་དམར་བ།

ཐེའུ་རང་།

ལོ་ཟླ་གཡག་རོག་གི་རྭ་རྩེ་ནས་རྒས་ཤིང་།
ན་ཟུག་མ་ཕམ་མཚོའི་རླབས་རྒྱུན་གྱིས་སྒུལ་བྱུང་།
ཡར་ལ་ལོངས་དང་། གདོང་དམར་བ།
ས་ཆེན་གྱི་བྲང་ཁོག་རྡུང་བའི་མེས་པོའི་དམག་རྟ།
ཡར་ཀླུང་གི་འགྲམ་རྒྱུད་ནས་ཆས་ཏེ།
དམར་པོ་རིའི་ཡང་སྟེང་དུ་འཛོམས་ན།
ཁ་བ་ཅན། རང་དབང་གི་སྟ་གོན་ལ་ཆས་ཆོག

ལོ་རྒྱུས་ཁྲག་དམར་གྱི་གཏམ་རྒྱུད་ཁྲོད་བོར་ཞིང་།
ཤ་འཁོན་རྨ་ཆེན་རིའི་རྔམ་ཟིལ་གྱིས་བསླངས་བྱུང་།
ཡར་ལ་ལོངས་དང་། གདོང་དམར་བ།
བཙན་པོའི་རུས་རྐང་འཚོལ་བའི་བདེན་པའི་དཔའ་སྐད།
ཆོལ་གསུམ་གྱི་རི་ལུང་ནས་མཆེད་དེ།
མགོ་ནག་པའི་བྲང་ཁོག་ཏུ་ཞུགས་ན།
ཁ་བ་ཅན། རང་དབང་གི་སྟ་གོན་ལ་ཆས་ཆོག

གླུ་ཚིག་འདི་ནི་ན་ནིང་གི་ལས་འགུལ་ཆེན་མོའི་གཞུག་ཏུ་བྲིས་པ་ཞིག་ཡིན་འདུག་ལ།དེ་སྔོན་རང་ཉིད་བཀག་ཉར་ལྷོད་གྲོལ་བྱུང་བའི་ཉིན་མོར་ཕ་ཡུལ་གྱི་གྲོགས་པོ་ཞིག་གིས་དབྱངས་རྟ་སྙན་མོ་ཞིག་དང་སྦྱར་ནས་བླངས་མྱོང་ལ། གྲོགས་པོ་མང་པོ་ཞིག་གིས་སེམས་པ་སྒུལ་སོང་ཞེས་ཏེ་གདེངས་འཇོག་མི་དམན་པ་རེའང་བྱས་སོང་།དེ་རིང་འདི་རུ་བཀོད་དེ་རྣམ་པ་ཚོས་དཔྱད་བསྡུར་ལ་རེ་བ་ཡིན།

ཡོང་ཁུངས། གཡུ་ཞུན་ཟིན་བྲིས།

“Ruddy Faced People”

Time is running out,
Lake Mapham’s waves remind [us] of our suffering.
Rise up, ruddy faced people!
Ancestor’s war-horse is trotting on the chest of this vast plateau,
ride it along the banks of the Yarlung [1] river
and if we gather on top of the Red Hill [2],
then we can work for our freedom, people of the Land of Snow.

History is filled with stories of bloodshed,
Machen mountain’s splendour reminds [us] of animosity.
Rise up, ruddy faced people!
Truth is searching for the soul of great ancestors,
it runs through the mountains and valleys of Tibet’s three provinces,
and if it enters the heart of black headed Tibetans,
then we can work for our freedom, people of the Land of Snow.

[1] Yarlung: the valley in central Tibet where Tibetan civilization is said to have first begun. Tibet’s first and only dynasty is the Yarlung dynasty.
[2] Red Hill: the hill on which the Potala Palace was built

[Translation: Tenzin Jigme.]